登录
聚焦中考
栏目版主:
<<返回聚焦中考
完德友 主题 / 回复
发表于 2018-12-25 13:53:15 只看楼主
1楼

དང་པོ། རྩོམ་པ་པོ་ངོ་སྤྲོད།

  ཨ་ལག་ཤ་ངག་དབང་བསྟན་དར་ནི་སྤྱི་ལོ༡༧༥༩ནས༡༨༣༡བར་སྐབས་ཀྱི་སོག་པའི་མཁས་པ་ཞིག་ཡིན། དབུས་ནས་རྗེ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་སྦྱོང་བ་མཛད། ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་མིང་བཏགས་བླངས། ཨ་ལག་ཤ་ཞེས་པ་ནི་དམ་པ་ཁོང་གི་ཡུལ་གྱི་མིང་ངོ་།།

བརྩམས་ཆོས་ལ། སུམ་རྟགས་རྩ་འགྲེལ། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། དག་ཡིག་ལེགས་བཤད་སྐྱ་རེངས། དག་ཡིག་གཅེས་བསྡུས། སྙན་ངག་མེ་ལོང་གི་དཔེ་བརྗོད། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་བ་སོགས་མང་ངོ་།།

གཉིས་པ། རྩོམ་པའི་ཕན་ཡོན།

གཅིག བསྟན་བཅོས་རྩོམ་པའི་རྒྱུའི་ཀུན་སློང་དྲུག

༡ ཆོས་ཀྱི་དོན་ཀུན་ཏུ་རྒྱས་པར་འགྱུར་རོ་སྙམ་པ།

༢ སེམས་ཅན་རྣམས་ཁམས་དང་མོས་པ་སྣ་ཚོགས་པའི་ཕྱིར་ཁ་ཅིག་གི་དོན་དུ་འགྱུར་རོ་སྙམ་པ།

༣ དོན་རྣམ་པར་དབྱེ་བར་བྱ་བའི་ཕྱིར་རོ་སྙམ་པ།

༤ དོན་འཐོར་བ་རྣམས་བསྡུ་བར་བྱ་བའི་ཕྱིར་རོ་སྙམ་པ།

༥ དོན་ཟབ་མོ་རྣམས་གསལ་བར་བྱ་བའི་ཕྱིར་རོ་སྙམ་པ།

༦ ཚིག་འབྲུ་མཛེས་པས་མཛེས་པ་བསྐྱེད་པར་བྱའོ་སྙམ་པ།

གཉིས། རྩོམ་པ་པོའི་ཡོན་ཏན་བཞི།

༡ ང་རྒྱལ་མེད་པ།

༢ གཞན་གྱི་སྡུག་བསྔལ་བསལ་བར་འདོད་པའི་སྙིང་རྗེ།

༣ གཞན་ལ་ཕན་འདོད་ཀྱི་བྱམས་པ།

༤ རང་གཞན་གྱི་དགེ་རྩ་བསྐྱེད་པ།

གསུམ་པ། བརྩམ་བྱ་བསྟན་བཅོས་ཀྱི་དབྱེ་བ།

གཅིག བྱེད་ལས་ཀྱི་སྒོ་ནས།

༡ རྒྱ་ཆེ་སྡུད་པ། མདོ་སྡེ་རྒྱན།

༢ ཟབ་མོ་འབྱེད་པ། མངོན་རྟོགས་རྒྱན།

༣ འཁྲུགས་པ་བསྡེབས་པ། བསླབ་བཏུས།

གཉིས། བརྗོད་བྱའི་སྒོ་ནས།

༡ དོན་དམ་བདེན་པ་སྟོན་པ།

༢ ཀུན་རྫོང་བདེན་པ་སྟོན་པ།

གསུམ། བཤད་བྱའི་སྒོ་ནས།

༡ བཀའ་སྤྱིའི་དགོངས་འགྲེལ།

༢ སོ་སོའི་དགོངས་འགྲེལ།

བཞི་བ། བསྟན་བཅོས་ཇི་ལྟར་རྩོམ་པའི་ཚུལ།

གཅིག བསྟན་བཅོས་རྩོམ་པའི་སྔོན་འགྲོ

༡ ཤིས་བརྗོད། རང་ལ་དངོས་གྲུབ་འབྱུང་བའི་ཆེད།

༢ ཕྱག་བྱ། རང་ལ་བར་ཆད་མི་འབྱུང་བའི་ཆེད།

༣ དངོས་པོ་ངེས་བསྟན། བརྗོད་བྱའི་སྤྱི་ཁོག་རྟོགས་ཆེད།

༤ རྩོམ་པར་དམ་བཅའ། རྩོམ་པ་མཐར་ཕྱིན་པར་བྱ་བའི་ཆེད།

༥ བློ་ལྡན་མཉན་སྐུལ། བསྟན་བཅོས་ལ་འཇུག་པར་སྤྲོ་བ་བསྐྱེད་ཆེད།

གཉིས། རྩོམ་ཚུལ་དངོས།

༡ རྩོམ་པ་ལེགས་པའི་ཡོན་ཏན།

༢ རྩོམ་པ་ཉེས་པའི་སྐྱོན།

a)       རང་ལུགས་དང་གཞན་ལུགས་འབྱེད་དཀའ་བ།

b)       ས་བཅད་ཧ་ཅང་མང་དྲགས་པ།

c)       ཚིག་གི་གཅོད་མཚམས་ཤད་ཀྱིས་མ་བཅད་པ།

d)       ཀུན་ལ་མ་གྲགས་པའི་མངོན་བརྗོད་དང་གབ་ཚིག་གི་རྒྱན་འབའ་ཞིག་གིས་བཅིངས་པ།

e)       ཡུལ་དུས་དེ་དང་དེར་གྲགས་པའི་ཡུལ་ཕྱོགས་དང་མི་རྣམས་ཀྱི་མིང་བོད་སྐད་དུ་བསྒྱུར་ནས་བྲིས་པ།

f)        ཡིག་འབྲུ་རྣམས་ནི་སུམ་རྟགས་ཀྱི་འཇུག་པ་དང་མི་མཐུན་པ།

གསུམ། བརྩམས་པའི་ཕན་ཡོན།

༡ སློབ་དཔོན་དཎྡིས། སྔོན་གྱི་རྒྱལ་བོ་གྲགས་པའི་གཟུགས།། ངག་གི་རང་བཞིན་མེ་ལོང་ཐོབ།། དེ་དག་ཉེ་བར་མི་གནས་ཀྱང་།། རང་ཉིད་ཉམས་པ་མེད་ལ་ལྟོས།།

༢ ཤེས་རབ་བརྒྱ་བ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན།། ལྷ་ཡུལ་བགྲོད་པ་ཐག་མི་རིང་།། ལྷ་དང་མི་ཡི་ཐེམ་སྐས་ལ།། འཛེགས་ན་ཐར་བ་གམ་ན་གནས།།

༣ ལུང་གཞི་ལས། རྒན་པ་དང་ནི་གཞོན་ཡང་རུང་།། གང་ལས་ཆོས་ནི་རྣམ་ཤེས་པ།། དེ་ལ་ཐོག་མར་ཕྱག་བྱ་སྟེ།། ཟླ་བ་ཚེས་ལ་བྲམ་ཟེ་བཞིན།།

 

 

 

 

 

 

 

 

 

下一主题: 关于中考 1